Hello,你好吗《德吉老爷》[MP3-320K]

admin 2025-07-31 02:38:16 12

作词 : 罗松/桑丹

作曲 : 德吉老爷

作词: 罗松/桑丹

作曲: 德吉老爷

༡༼སློབ་ཕྲུག་ཚོ།༽

དགོང་དྲོ་བདེ་ལེགས།

བདེ་ལེགས་བཟང་།

དེ་རིང་ཡིན་ན་ ཁྱོད་ཚོའི་དགེ་རྒན་དོན་དག་གལ་ཆེན་ཞིག་ཡོད་ཟེར།

དེ་ནས་ དེ་རིང་ང་ཁྱོད་ཚོའི་དགེ་རྒན་ཚབ་བྱས་ནས།

དེ་རིང་སློབ་ཚན་འདི་ངས་སློབ་ཁྲིད་བྱེད་རྒྱུ་ཡིན།

དེ་ནས་སློབ་ཐེངས་འདི་ཡི་ནང་དོན་ནི།

སྐད་ཡིག་གི་རིན་ཐང་ཟེར་རྒྱུ་འདི་རེད།

[00:35.797]

ལྷ་ཡི་ཐོག་མ་ཕྱག་ན་པད་དཀར་ཡིན།

བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན།

མཁར་གྱི་ཐོག་མ་ཡུམ་བུ་བླ་མཁར་ཡིན།

དགོན་གྱི་ཐོག་མ་བསམ་ཡས་གཙུག་ལག་ཁང་།

ལོ་ཙཱའི་ཐོག་མ་ཐོན་མི་སམ་བྷོ་ཊ།

ཁོང་གིས་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་གསལ་བྱེད་ཉེར་བཞི་གཏན་ལ་ཕབ།

བོད་སྐད་གདངས་ཀྱི་དགོས་པ་བཞིན།

སྟོད་དུ་ཅ་ཆ་ཇ་གསུམ་དང་།

སྨད་དུ་ཞ་ཟ་འ་གསུམ་བཅས།

གསར་དུ་བསྣན་པའི་ཡི་གེ་དྲུག།

དེ་ལྟར་གསལ་བྱེད་སུམ་ཅུ་སྟེ།

ཀ་ཁ་ག་ང་།ཅ་ཆ་ཇ་ཉ།

ཏ་ཐ་ད་ན།པ་ཕ་བ་མ།ཙ་ཚ་ཛ་ཝ།ཞ་ཟ་འ་ཡ།ར་ལ་ཤ་ས།ཧ་ཨ་བཅས།

དབྱངས་བཞི་ནི།

གི་གུ་ ཞབས་ཀྱུ་ འགྲེང་བུ་ ན་རོ།

ཨི་ཨུ་ཨེ་ཨོ།

རྗེས་འཇུག་བཅུ་ནི་

ག་ང་ད་ན་བ་མ་འ། ར་ལ་ས་ནི་རྗེས་འཇུག་བཅུ།

སྔོན་འཇུག་ལྔ་ནི།

ག་ད་བ་མ་འ་སྔོན་འཇུག།

ཡང་འཇུག་ནི་

ད་ས་གཉིས་ནི་ཡང་འཇུག་ཡིན།

ཡ་ བོད་ལ་རིགས་གནས་ཆེ་ཆུང་ག་ཚོད་ཡོད།

ཆེ་བ་ལྔ་དང་ཆུང་བ་ལྔ་།

ཆེ་བ་ལྔ་ནི་

སྒྲ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ།

ཆུང་བ་ལྔ།

སྙན་ངག། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ལྔ་ཡིན།

ཡ་ཁོ་རེ་།

དེ་ནས་ནི་དྲིན་ཆེན་ཕ་མའི་དྲིན་ལ་དྲིན་འཇལ་ཐུབ་པ་ནི།

དགེ་རྒན་དམ་པའི་རེ་ལ་རེ་ཆུང་མ་ནོར།

གངས་ཅན་བོད་ཀྱི་རིགས་འདི་རྒྱུད་འཛིན་པ་དང་།

རྒན་ལགས།

བླ་མ་ཁྱེད་ནི་གེ་སར་གྱི་ཚ་བོ་ཡིན།

ས་སྐྱོང་རྒྱལ་པོའི་ནུ་བོ་ཡིན།

ཁྱོད་ཤ་དང་རུས་པ་བོད་ཡིན་ལ།

རིགས་རྒྱུད་གཙང་མ་ལྷ་ཡིན།

ང་ཕ་མ་གཉིས་ཀྱི་ནོར་ཡིན་ལ།

བོད་པའི་སྲོག་གི་རྩ་ཡིན།

བུ་ཆུང་བུ་ཆུང་ལྷ་ཡི་སྲས།

ལྷ་ཚངས་པ་དཀར་པོའི་རྒྱུད་པ་ཡིན།

བུ་མོ་བུ་མོ་ལྷ་ཡི་སྲས།

ལྷ་ཚངས་པ་དཀར་པོའི་རྒྱུད་པ་ཡིན།

བུ་ཆུང་བུ་མོ་ལྷ་ཡི་སྲས།

ལྷ་ཚངས་པ་དཀར་པོའི་རྒྱུད་པ་ཡིན།

ལ་ལ་ལ་ལ་ལ་ལ།

ལ་ལ་ལ།

༢༼ཡ་སློབ་ཕྲུག་ལག།༽

ཁྱོད་ཀྱི་ཞལ་རས་དཀར་ཟླ་བ་ལ།

བྱམས་བརྩེ་སྟོང་གི་འཛུམ་མདངས་འཕྲོ་འདུག

ཐུགས་རྒྱུད་རྒྱ་དར་དཀར་པོ་ལ།

ཤེས་རིག་སྟོང་གི་འོད་སྣོང་འཕྲོ་འདུག

སྐུ་གཟུགས་ཙ་རིའི་སྙིག་མ་ལ།

གདོང་དམར་བུ་ཡི་ཁྱད་ཆོས་ལྡན་འདུག

ཁྱོད་ནི།

བོད་ཁ་བའི་ཁྲ་ཆུང་མིག་རེད།

དྲིན་ཕ་མའི་དམར་ཆུང་སེམས་རེད།

དགེན་ང་ཡི་བརྩེ་བའི་སྙིང་ཡིན་པ་མ་ཟད།

ཁྱོད་ནི་རྒྱལ་ཁབ་ཀྱི་རེ་བ།

མི་རིགས་ཀྱི་རེ་བ།

ཕ་མའི་རེ་བ།

དགེ་རྒན་གྱི་རེ་བ།

འདོར་ན་རེ་བ་ཡོད་ཚད་ཁྱོད་ལ་བཅོལ་ཡོད་པས།

ཁྱོད་ཀྱིས་ཁོ་ཚོའི་རེ་བའི་སྟེང་གི་འབབ་ཆུ་དེ་ཇི་ལྟར་སྒྲུབ་རྒྱུ་ཡིན།

ངས་དགེ་རྒན་དམ་པའི་ཁ་ཉན།

དྲིན་ཅན་ཕ་མའི་བཀའ་བརྩིས་ནས།

བོད་ཡིག་ཀ་ཁ་ག་ང་

དབྱིན་ཡིག་a b c d

རྒྱ་ཡིག་a o e ལ་སོགས་པའི།

འཛམ་གླིང་གི་སྐད་རིགས་འདྲ་མིན།

Differend of world language

世界各种语言

ལོ་དང་ཟླ་བ་

ཞག་དང་ཉི་མ་

ཐ་ན་དུས་ཚོད་དང་སྐར་ཆ་ཆུད་ཟོས་སུ་མ་སོང་བར།

སེམས་ལ་བདེ་སྐྱིད་ཀྱིས་གང་།

ངོ་ལ་འཛུམ་མདངས་ཀྱིས་གང་ནས་

དུས་རབས་གསར་བའི་ཤེས་རིག་ལ་

ཉིན་མཚན་གཏོལ་མེད་དང་

འབད་བརྩོན་སློད་མེད་བྱས་ནས་

ཕ་མ་དང་སློབ་དཔོན་ཀྱི་རེ་བ་ཉག་གཅིག་དེ་སྒྲུབ་ཐུབ་པར་བྱེད་རྒྱུ་ཡིན།

༣༼གངས་ཕྲུག་ཚོ།༽

སྐད་རིགས་མང་པོ་ཤེས་ན་བཟང་མོད་ཀྱང་།

རང་གི་ཕ་སྐད་བརྗེད་ན་ངོ་རེ་ཚ་རེད

མེས་དབོན་གོང་མ་རྣམས་ཀྱི་བཀའ་དྲིན་ལས།

བོད་ཡིག་འདི་གསར་གཏོད་བྱས།

ཤེས་རིག་གི་སྒྲོན་མེ་སྤར།

མ་རིག་གི་མུན་པ་སེལ།

ད་ལྟ་

ང་ཚོའི་ལག་ནས་ཆད་སོང་ན།

ང་ཚོའི་ངོ་ཚ་རེད།

བོད་སྐད་ནི་

གཞན་ལ་ཡོད་ན་སྨོན་དགོས་པ་དང།

རང་ལ་ཡོད་ན་ངོམས་དགོས་པའི་ཁྱད་ནོར་ཕུན་སུམ་ཚོགས་པ་ཞིག་ཡིན་པ་སྨོས་མ་དགོས།

ཕྱི་ནང་གི་

མི་རིགས་འདྲ་མིན།

ཕྱི་རྒྱལ་ཀྱི་

ཡུལ་གྲུ་ཁག་དང།

མཐོ་སློབ་ཀྱི་

ན་གཞོན་སོ་སོས།

དེང་དུས་ཀྱི་

སློབ་མ་མང་པོས།

དཀར་ནག་སེར་གསུམ་ཀྱི་མི་ཚོགས་འབུམ་ཕྲག་མང་པོས་ང་ཚོའི་ཕ་མེས་ཡང་མེས་ནས་བཞག་པའི་ཕ་སྐད་གཙང་མ་འདི་ལ་

ཉི་མཚན་གཏོལ་མེད་དང་

འབད་བརྩོན་སློད་མེད་བྱེད་ཀྱིན་ཡོད་པ་མ་ཟད།

རྒྱལ་ཁབ་ཕྱི་ནང་མོང་པོས་མཐོང་ཆེན་བྱེད་ཡུལ།

མི་རིགས་དཀར་ནག་མོང་པོས་སློབ་སྦྱོང་བྱེད་ས་ཞིག་ཆགས་ཡོད་པ་ཚང་མས་ཤེས་རྒྱུ་རེད།

ཕ་ཆོས་གནམ་ལྕགས་ཀྱི་རལ་གྲི།

རིག་གཞུང་གསེར་ནག་གི་ཕ་བོང་འདི་ནི།

གནས་སྲིད་པ་ཆགས་པའི་གངས་རྒན་ཡིན།

ཕ་ཨ་མྱེ་རང་གི་རིགས་གཞུང་ཡིན།

ང་ཚོ་བོད་པ་ཚང་གིས་བཅར་ཆེ་ན་མིག་གིས་རྫི་མ་མི་རིག་ཞེས་པའི་དཔེ་ལྟར།

དེ་ལ་མཐོང་ཆུང་བྱེད་ཉན་ཨེ་རེད།

བྱེད་ཉན་མ་རེད།

ཕ་སྐད་གཙང་མ་བཤད་ན་ངོ་ཚ་ཡིན་སྣང་ཤར་ཉན་ཨེ་རེད།

ཤར་ཉན་མ་རེད།

སུམ་དག་རྟགས་གསུམ་སྦྱངས་ན་འདུན་ལམ་མེད་སྣང་བསམ་ཉན་ཨེ་རེད།

བསམ་ཉན་མ་རེད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གསུང་གི་བདུད་རྩི་ལས།

ཁྱེད་ཚོ་

བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག

བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག

ཡིན་ཡང་ཁྱེད་ཚོའི་ཤ་དང་རུས་པ་ཅི་ལྟར་བྱེད་ཀྱི་ཡིན་

གསུངས་ནང་བཞིན།

ང་ཚོས་ཚིག་ལ་འབད་བརྩོན་བྱེད།

དོན་ལ་སྙིང་སྟོབས་བསྐྱེད་ནས།

ལྕེ་དམར་བོའི་སྟེང་གི་ཕོ་ཚིག་དེ།

སེམས་གངས་དཀར་རྒྱུད་དུ་གསལ་སེ་ཡོད།

ཐམས་ཅད་གཅིག་མཐུན་གྱི་བསམ་པ་བྱུང་ན།

མི་རྗེས་མི་ཡིས་འཛིན་པར་བྱེད་ཞེས་པའི་དཔེ་ལྟར།

མ་འོང་ཁ་བ་ཅན་གྱི་ཡུལ་གྲུ་ལ།

སྔར་མེད་པའི་ཁུ་བྱུག་སྔོན་མོའི་གསུང་སྙན་ཞིག་སྒྲོག་པའི་ལས་སྤོབས་པ་ཨེ་ཡོད།

ཡོད། ཡོད།

སྔར་མེད་དཔྱིད་དཔལ་བསུ་བའི་འབྲུག་སྒྲ་ཞིག་སྒྲོག་པའི་སྤོབས་པ་ཨེ་ཡོད།

ཡོད། ཡོད།

སྔར་མེད་དུས་རབས་གསར་བའི་ཅོང་བརྡ་ཞིག་སྒྲོག་པའི་སྤོབས་པ་ཨེ་ཡོད།

ཡོད། ཡོད།

བུ་ཆུང་བུ་ཆུང་ལྷ་ཡི་སྲས།

ལྷ་ཚངས་པ་དཀར་པོའི་རྒྱུད་པ་ཡིན།

བུ་མོ་བུ་མོ་ལྷ་ཡི་སྲས།

ལྷ་ཚངས་པ་དཀར་པོའི་རྒྱུད་པ་ཡིན།

བུ་ཆུང་བུ་མོ་ལྷ་ཡི་སྲས།

ལྷ་ཚངས་པ་དཀར་པོའི་རྒྱུད་པ་ཡིན།

ལ་ལ་ལ་ལ་ལ་ལ།

ལ་ལ་ལ།

下载链接    
蓝奏云链接
点击下载(蓝奏云)
提取码:
⚠️ 反诈提示:请勿点击不明链接,谨防诈骗!
© 2025 资源提供方声明:本站资源索引与互联网,本站不存储任何资源,版权归原作者,禁止用于非法用途。
最新回复 (0)
全部楼主

您可以在 登录 or 注册 后,对此帖发表评论!

返回
发新帖