齐秦《价值》[FLAC/MP3-320K]

admin 2025-07-25 06:42:58 14

作词 : 浪者组合

作曲 : 浪者组合

编曲 : 浪者组合

མཐོ་པོས་མི་ལ་ངོ་དགའ་མ་ལབ།

ཉམས་ཆུང་མི་ལ་མཐོང་ཆུང་མི་བལྟ།

རྒྱུ་ཆེན་མི་ལ་ཨར་དགུ་མ་ལབ།

རྒྱུ་མེད་མི་ལ་མཐོང་ཆུང་མི་བལྟ།

འཚོ་བ་ནི་རང་རང་སོ་སོ་རེད།

བཤོད་དགོས་མ་རེད།

མི་ལུས་ནི་འདྲ་འདྲ་རེད།

ཆུ་གད་པ་ལ་དམའ་རེས་མཐོ་རེས།

ནམ་ཉི་མ་ལ་རིང་རེས་ཐུང་རེས།

ཚེ་སྟོད་སྨད་ལ་བསོ་བདེ་ཁ་ཁ།

ནམ་སྟོད་སྨད་ལ་རྨི་ལམ་ཁ་ཁ་རེད།

རང་རིན་ཐང་རང་གིས་འཚོལ་དང་།

མགོ་སྒུར་སྒུར་དང་ལྕེ་བསྣར་བསྣར་དེ།

ཕར་ལ་སྐྱོར།

ཕར་ལ་ཁྱེར།

ཕར་ལ་ཁྱེར་སོང་།

ཡ་་་ཤ་ཉེ་སྐྱོར་ཤོག

ཚུར་གནམ་གང་མ་བརྩིས་ན།

ཕར་ཚེས་གཅིག་བརྩེ་དགོས་མ་རེད།

ཤ་ཉེ།

དེ་རེད།

སྔར་མི་རྒན་ཁ་ནས་དཔེ་ཞིག་ཡོད་རེད།

ཁ་ལ་དཔགས་པའི་སོ་དང་།

རྔ་ལ་དཔགས་པའི་འཆམ།

ཕོ་རང་གི་འཇོན་ན་འཇོན་ལེ་རེད།

ཚྭ་གཡག་འུ་ཁོར་ན་ཁོར་ལེ་རེད།

མི་ལ་ཨ་ཕོ་རྫོ་ལེ་ཡིས།

རང་གི་ཁ་ཕོ་གདམ་འདུག་དགའ་རེད།

ཧུ་་་

ཤ་ཉེ་གདའ་དགའ།

ཤ་ཉེ་གདའ་དགའ།

ཁྱོད། ང་། ཁོ། ང་།

ང་གཉིས་མ་ཏོག་མི་མིན།

ཨོན་དོ་མ་ཏོག་ཤ་མ་མེད།

ཟེར་ནས་འཛུམ་མདང་རྫུན་མ་དེ།

འཁྱེར་མ་ཡོང་ཁོ་རི།

དྲིན་ཆེན་ཕ་མ་ཁ་ལན་མ་རྒྱག

གྲོགས་དང་ན་ཟླ་མགོ་སྐོར་མི་གཏོང་།

མངོན་ཐོན་མི་ལ་རྒྱབ་བཤད་མ་རྒྱག

ཁྲེལ་མེད་མི་ལ་སྙིང་གཏམ་མི་ཤོད།

དོན་སྒྲུབ་ན་དཀའ་བའི་ལས་ཞིག་སྒྲུབ།

བཤོད་དགོས་མ་རེད།

རང་ཚུགས་དེ་རང་གིས་བཟུང་།

སེམས་བཟང་པོ་དེ་རང་ལ་ཡོད་ན།

ལམ་བཟང་པོ་དེ་མདུན་ལ་ཡོད་རེད།

སྐྱེས་ཕོ་རབ་སོང་རྗེས་དཀར་དགོས།

མཛོ་ཁྱུ་དཀར་རྨོས་རྗེས་ནག་དགོས།

རང་རིན་ཐང་རང་གི་འཚོལ་དང་།

ངག་གཡོ་རྒྱུ་དང་རྫུན་ཁྲ་མ་དེ།

ཕར་ལ་སྐྱོར།

ཕར་ལ་ཁྱེར།

ཕར་ལ་ཁྱེར་སོང་།

ཡ་་་ཤ་ཉེ་་་སྐྱུར་ཤོག

བདེན་རྫུན་དབྱི་སའི་ཁྲིམས་ར་དང་།

གསེར་རག་བརྡར་སའི་ཀ་ཤུ།

དེ་ཡོད་འདུག་རེད།

དེ་རེད།

དྲང་པོས་གཞུང་སྲང་ན།

སྒོ་ངའི་རྟ་ཁྱོགས་རེད།

དྲང་པོས་ལས་བྱས་དང་།

བདེན་པའི་ཟས་ཡོང་རེད།

དྲང་པོ་དྲང་ལྡན་དྲང་ལྡན་བྱེད་དང་།

རྟ་རྒོད་པོ་ནང་ལ་མ་རྒྱུག

བུ་རྒོད་པོ་ནང་ལ་མ་ཉལ།

ཧེ་་་ཧེ་་་

སྤུན་ཡ། དྲིན་ཆེན། སྤུན་ཡ། དྲིན་ཆེན།

དྲང་པོ་དྲང་ལྡན་དྲང་ལྡན་བྱེད་དང་།

བདེན་རྫུན་ཕུལ་མ་རླུང་ལ་བསྐུར།

རྐུ་རྫུན་གྱི་ཕྱུག་པོ་ལས།

དྲང་ལྡན་གྱི་དབུལ་པོ་དགའ་རེད།

འོ་་་དོད་དའ་དེ་རེད།

下载链接    
蓝奏云链接
点击下载(蓝奏云)
提取码:1e62
百度网盘链接
点击下载(百度网盘)
提取码:208c
⚠️ 反诈提示:请勿点击不明链接,谨防诈骗!
© 2025 资源提供方声明:本站资源索引与互联网,本站不存储任何资源,版权归原作者,禁止用于非法用途。
最新回复 (0)
全部楼主

您可以在 登录 or 注册 后,对此帖发表评论!

返回
发新帖